[318A] ཨ་མྲྀ་ཏ་ཀ་ལ་ཤ་སིདྡྷི། བོད་སྐད་དུ། བདུད་རྩི་བུམ་པའི་ལུང། དཔལ་བདུད་རྩི་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཕན་བྱེད་ མགོན་ལ་ཕྱག་འཚལ་ནས། །སྒྲུབ་པའི་ཡུལ་དང་གནས་བསྟན་ཏེ་།ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་རི། །དྲང་སྲོང་ཆེན་པོའི་སྒྲུབ་ལུགས་དང། །ཕྲ་མེན་མ་ཡི་སྦྱར་ལུགས་ དང༑ ༑རྩི་སྨན་འཁྲུངས་པའི་ཡུལ་ཁམས་དང། །ཤིང་དང་ནགས་ཀྱི་ལྷ་མོའི་གནས། །རི་བོར་སྨན་ལྗོངས་ཙནྡན་གནས། །བཞུགས་པའི་གནས་སུ་བསྒྲུབ་པར་བྱའོ། །དུག་ རྣམས་བདུད་རྩིར་སྦྱར་བའི་ཐབས། །རྩ་བ་དང་ནི་ཡན་ལག་བཅས་།ར་ས་ཡན་ལག་སོགས་རྫས། །ཚང་བར་བསགས་ནས་བསྒྲུབ་པར་བྱའོ་།རི་བོར་ནགས་འདབས་ཆུ་ངོགས་ [318B] ༑བྲག་ཕུག་སྟོང་པ་ཐིབས་པོའམ། །སྒྲུབ་པའི་གནས་མཆོག་དེར་བྱའི་ཕྱིར། །ས་གཞི་རབ་ཏུ་བརྟག་པར་བྱ། །མཉམ་ཞིང་སྣུམ་པའི་ས་སྔ་ཅན། །ཟུག་རྡོ་སྲིན་བྲག་མེད་པ་དང། ། ཚ་སྒོ་ས་དང་བ་ཚྭ་མེད། །མ་གྲུམ་མ་གས་མཉམ་པོ་ལ། །སྒྲུབ་པའི་གནས་མཆོག་དེར་བྱའོ། །རང་བྱུང་ཁྲོ་བོ་ཆེན་པོ་བཅུས་།ཕྱོགས་མཚམ་སྥུར་པ་བཏབ་ནས་ནི། །གནས་དང་ས་གཞི་ དག་པར་སྦྱང། །ཨོཾ་བཛྲ་ཀཱི་ལ་ཡ་མཧཱ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། གརྫ་གརྫ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ་སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། ཕྱོགས་བཅུ་དག་ཏུ་མཚམས་བཅད་དེ། །ས་གཞི་རབ་ཏུ་སྦྱངས་ནས་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ བྱ༑ ༑དྲི་སྣ་ལྔ་དང་རཀྟ་ཡིས། །བྱུགས་པའི་མཎྜལ་བཟང་དུ་བྱའོ། །བ་སུ་ཏ་ཡི་རྒྱུ་ཕྲེང་གིས། །ཐིག་ནི་བཅུ་དྲུག་ཆར་ཡང་གདབ། །དེ་ལ་ཐིག་ལེ་བཅུ་དྲུག་གམ། །ཡང་ན་ཕྱག་མཚན་ བཅུ་དྲུག་དགོད། །དེའི་དབུས་སུ་བཞག་པའི་སྣོད་ནི། །ཐོད་པ་མ་གས་མ་ཆག་པ། །ཡང་ན་རུས་སྦལ་མགོ་ཡང་རུང། །དཀྱིལ་འཁོར་དེ་ཡི་དབུས་སུ་གཞག་བདུད་རྩི་སྣ་གྲངས་ བརྒྱ་རྩ་བརྒྱད། །བཏགས་ཏེ་ཐོད་པའི་ནང་དུ་དགང། །འཁོར་ལོ་ལྟེ་བའི་དབུས་སུ་གཞག་ཕྱོགས་བཞི་མཚམས་བརྒྱད་རྣམས་སུ་ཡང་།སྣོད་ནི་བཞི་འམ་བརྒྱད་བཞག་ལ། ། [319A]༄༅། །རིགས་དང་ཁ་དོག་མཐུན་པའི་དར། །བནྡྷ་ལྔ་ཡི་ཁ་ནས་དག་བ། །ཡང་ན་བུམ་པའི་མགུལ་ཆིངས་བྱའོ། །ར་ས་ཡན་ལ་སོགས་རྫས། །ཇི་སྙེད་འབྱོར་པས་ མ་ལུས་ཀུན། །དཀྱིལ་འཁོར་དེ་ལ་བསྐོར་ཏེ་གཞག་དེ་བཞིན་དར་དཀར་མཐིང་ཡོལ་གྱིས། །དཀྱིལ་འཁོར་འཁོར་བར་རབ་བསྐོར་ནས། །དཀྱིལ་འཁོར་གྲྭ་བཞིར་མདའ་བཞི་ གཟུགས། །མེ་ལོང་བཞི་དང་རཏྣ་བཞི། །རལ་གྲི་བཞི་དང་ཕུར་པ་བརྒྱད། །དཀྱིལ་འཁོར་འཁོར་བར་བསྐོར་ཏེ་གཞག་ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །རྒྱུ་ཡི་ཏིང་ འཛིན་འབྲས་བུ་ལས། །དེ་ཉིད་བྱང་ཆུབ་སེམས་སུ་འགྱུར། །འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དག་བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད། །རཾ་ཡཾ་ཁཾ་སུ་བྲུཾ། ནམ་མཁའི་དབྱིངས་ དང་མཉམ་པ་ཡི། །གཞལ་ཡས་གསལ་བར་འགྱུར་བར་བསྒོམ། །དབུས་སུ་བྱང་ཆུབ་སེམས་ཆེན་པོ། །ཤར་དུ་རྡོ་རྗེ་དྲི་ཆེན་ཚེ། །ལྷོ་རུ་མཾ་ས་ཤ་སྣ་ཚོགས། །ནུབ་ཏུ་པདྨ་རཀྟའི་ ཚོགས། །བྱང་དུ་དྲི་ཆུ་སྣ་ཚོགས་སྟེ། །འདི་རྣམས་རིམ་བཞིན་བཀོད་པ་ལ། །གཙོ་བོས་སྦྱོར་བ་ཚུལ་བཞིན་བགྱིས་ནས་མེ་ལོང་ཡུ་བ་ཅན་གྱི་སྟེང་དུ་བྱང་ཆུབ་ཀྱི་སེམས་བླངས་ཏེ་ དབུས་ཀྱི་སྣོད་བླངས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ་བྱང་ཆུབ་སེམས་ཀྱིས་གཡབ་ཅིང། དབྱངས་འདི་བརྗོད་དོ། །བྱང་ཆུབ་སེམས་འདིའི་ཡེ་ཤེས་རང་བཞིན་ཏེ། །དྲི་མེད་རྣམ་ [319B] །འགྲོ་བ་ཀུན་སྐྱེད་ཡིད་བཞིན་ནོར་བུའི་ཚུལ། །གདོད་ནས་དག་པས་བདུད་རྩིའི་རང་བཞིན་ལ། །གཉིས་མེད་སྦྱོར་བས་རྡོ་རྗེའི་རིགས་ཆེན་འགྲུབ། །མེ་ལོང་ ཡེ་ཤེས་དེ་ཉིད་ཡིན་པར་བཤད། །ཅེས་བརྗོད་དོ། །དབུས་ཀྱི་བནྡྷའི་ནང་དུ་ཤེལ་ཕོར་བཞག་ལ་བྱང་ཆུབ་སེམས་ཐམས་ཅད་དང། གདུང་དང། གོ་རོ་ཙ་ན་ལ་སོགས་པ་ཀུན་བསྡུས་ལ་ བླུགས་སོ། །དགུ་ཡ་ལག་གི་ཕྱག་རྒྱ་ཡིས། །དེ་ཡི་སྟེང་དུ་བཞག་ནས་ནི། །སྒྲུབ་པ་པོ་ཀུན་ཁ་ཤར་ཕྱོགས་སུ་བལྟས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་གཡབ་ཅིང། སྔགས་འདི་བརྒྱ་རྩ་ བརྒྱད་བཟླའོ། །ཨོཾ་ཨཱཧཱུཾ། བཛྲ་སཏ་ཧཱུ། སརྦ་ཨེ་ཤུདྡྷེ་ཨ་མྲྀ་ཏ་སུ་ཀ་མ་ཧཱ་ཡོ་ག་ཧཱུཾ། ཙིཏྟ་ཧཱུཾ། ཨོཾ་ཨཱཧཱུཾ་ཨཀཤོ་བྷྱ་དེ་ཥ་ར་ཏི་ས་མ་ཡ་སྟྭཾ་ཞེས་བརྗོད་ནས་དབུས་སུ་བླུགས་ལ་ གཞག་གོ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་མཧཱ་མཾ་སའི་སྣོད་བླངས་ལ་འདི་སྐད་བརྗོད་དོ། །སེམས་ཅན་རྣམས་ནི་གནས་ལ་ཆགས། །ནོར་བས་བདག་ཉིད་གཙང་མར་འཛིན། །དོན་གྱིས་ སུན་ནི་མ་ཕྱུང་ན། །བསོད་ནམས་ཐམས་ཅད་དང་བྲལ་བའི། །ཡི་དྭགས་སྐམ་ཐག་ཆད་པ་ཡང། །བདག་ལུས་གཏོང་བར་མི་ཕོད་ན་།ལྷ་ལ་སོགས་པའི་བསོད་ནམས་ཀྱིས། །ལུས་ ཅན་རྣམས་ལ་སྨོས་ཅི་དགོས། །དེ་བས་འདི་ཀུན་སུན་དབྱུང་ཞིང་།རང་བྱུང་བདུད་རྩི་བསྟན་པའི་ཕྱིར། །ལྷས་ཀྱང་ལྷ་ཡི་བདག་ཉིད་བཟའ། །མི་ལ་སོགས་པ་དེ་བཞིན་དུ། ། [320A]༄༅། །རྣལ་འབྱོར་པས་ཀྱང་སྤྱད་ཅིང་བཟའ། །འདི་ལྟར་བདག་གཞན་མི་འབྱེད་པས། །བླང་དོར་མེད་པར་གྲོལ་བ་ཡིས། །མཉམ་པ་ཉིད་ཀྱི་དོན་མཐོང་ན། ། ཐམས་ཅད་མཉམ་ཉིད་ཡེ་ཤེས་སྐུ། །བདེ་གཤེགས་རིན་ཆེན་རིགས་མཆོག་འགྲུབ། །ཨོཾ་ཨཱཧཱུཾ་མ་ཧཱ་མཾ་ས་ས་མ་ཡ་ར་ཧོ་ཧཾ། རཏྣ་ར་ཏི་ས་མ་ཡ་སྟྭཾ་ཞེས་བརྗོད་དེ། རིན་པོ་ ཆེའི་རིགས་ཡབ་ཡུམ་སྤྱན་དྲང་ཞིང་བརྒྱ་རྩ་བརྒྱད་བརྗོད་དེ་མཧཱ་མཾ་ས་དང། ཤ་སྣ་ཚོགས་བསྟབས་ཤིང་ལྷོར་གཞག་གོ་ཁ་ནུབ་ཕྱོགས་སུ་བལྟས་ཏེ་རཀྟ་སྣ་ཚོགས་ཀྱི་ སྣོད་བླངས་ལ་འདི་སྐད་བརྗོད་དོ། །རཱ་ག་རཀྟ་པདྨ་འབྱུང་།སྨད་པ་མི་གཙང་རྫས་འདི་དག་ཆགས་ཡུལ་བདེ་བའི་གནས་ཡིན་ཏེ་།པདྨ་རིགས་ཀྱི་དམ་ཚིག་འགྲུབ། །སོ་སོར་ རྟོགས་པའི་ཡེ་ཤེས་ཡིན། །ཞེས་བརྗོད་ཅིང། ནུབ་ཕྱོགས་ཀྱི་སྣོད་ཀྱི་ནང་དུ་བླུགས་ལ་གཞག་ཨོཾ་ཨཱཧཱུཾ་མ་ཧཱ་པདྨ་རཀྟ་མུ་ལ། ཨ་མྲྀ་ཏ་བྷ་ར་ག་ར་ཏི། ས་མ་ཡ་ཧཱུཾ་སུ་ཀ་ཧྲི་ ཞེས་བརྗོད་དེ་ནུབ་ཕྱོགས་སུ་གཞག་གོ་ཁ་བྱང་ཕྱོགས་སུ་བལྟས་ཏེ་དྲི་ཆུའི་སྣོད་བླངས་ནས་འདི་སྐད་བརྗོད་དོ། །ཀུན་འབྱུང་ཟག་པ་གུར་གུམ་ཆུ། །རྡོ་རྗེ་དྲི་ཡི་ཆུ་ཡིན་ཏེ། །ཆུ་ ལས་མ་བྱུང་གང་ཡང་མེད། །ལས་ཀྱི་རིགས་ཀྱི་དམ་ཚིག་དང། །ནན་ཏན་ཡེ་ཤེས་མཆོག་ཀྱང་འགྲུབ། །ཨོཾ་ཨཱཧཱུཾ་ཨ་མོ་གྷ་སིདྡྷི་བཛྲ་ར་ཏི་ས་མ་ཡ་སྟྭཾ་ཞེས་བརྗོད་དེ་བྱང་ [320B]ཤར་གྱི་སྣོད་དང་དྲི་ཆེན་བླངས་ཏེ་འདི་སྐད་བརྗོད་དོ། །སྨད་པ་མི་གཙང་སྙིགས་མ་འདི། །རྟོག་པ་དེ་ཉིད་སྙིགས་མ་ཡིན། །ཚེ་མཆོག་འཛིན་པའི་བདུད་རྩི་ སྟེ༑ ༑གདོད་ནས་དག་པའི་རང་བཞིན་པས། །བདེ་གཤེགས་ཀུན་གྱི་ཐུགས་དམ་ཉིད། །གཉིས་མེད་སྐུ་རུ་སྦྱོར་བས་ན། །ཆོས་དབྱིངས་ཡེ་ཤེས་དམ་ཚིག་འགྲུབ། །ཨོཾ་བཻ་རོ་ཙ་ན་མོ་ ཧ་ར་ཏི་ས་མ་ཡ་སྟྭཾ། མ་ཧཱ་ཡོ་ག་ཨ་ཏི་སྤ་ར་ཎ་བ་ལིང་ཏེ། ཨ་མྲྀ་ཏ་ཨུ་ཙི་ཐ་ཨ་དཧི་ཏིཥྛ་ཨོཾ་ཞེས་བརྗོད་དོ། །དེ་ནས་སྒྲུབ་པ་པོ་ཀུན་གྱིས་ཐལ་མོ་སྦྱར་ཏེ་དབུས་ཀྱི་སྣོད་ཡུམ་གྱིས་བླངས་ཏེ་ འདི་སྐད་བརྗོད་དོ། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་ཀུན་གྱི་ཆོས་ཉིད་འདི། །སྙིང་པོ་ཆོས་ཀྱི་དོན་ལས་འབྱུང། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །སྨད་པར་བྱ་ བའི་རྫས་ལྔ་བོ། །གཅིག་ལ་ཡོན་ཏན་ལྔ་ལྔ་འམ། །གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། །དམ་ཚིག་རྩ་བ་བཅོ་ལྔ་ཡིན། །ཡན་ལག་ཉི་ཤུ་རྩ་བརྒྱད་དོ། །སྣོད་བཅུད་དབུས་སུ་ བསྡུས་ནས་ནི། །བཅུ་དྲུག་པོར་ཡང་བསྟན་པར་བྱའོ། །ཐབས་དང་ཤེས་རབ་ལྡན་པ་ལས། །སེམས་དཔའ་སེམས་མའི་ཚོགས་སུ་བལྟའོ། །རྩ་བ་བརྒྱད་དང་ཡན་ལག་བརྒྱད། ། རྫས་ནི་སེམས་དཔའ་བཅུ་དྲུག་སྟེ། །སྣོད་དབྱིངས་སེམས་མ་བཅུ་དྲུག་ཡིན། །འཁོར་ལོ་རྩི་བས་ནི་བཅུ་དྲུག་ཀྱང། །རང་བཞིན་མི་གཉིས་དབྱིངས་གཅིག་པས། །ཕྱག་རྒྱ་ཐིག་ལེ་ [321A]༄༅། །ལྡན་པར་བསྒོམ། །སུམ་ཅུ་རྩ་གཉིས་མཚན་ལྡན་པ། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས། །རྒྱུ་ཡང་གསང་ལ་འབྲས་ བུའང་གསང། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། །མཛོད་ལྡན་དཔལ་གྱི་ཕྱག་རྒྱ་དང། །ཁ་འབྱེད་རྡོ་རྗེ་ཕྱག་རྒྱ་ནི་།འཁོར་ལོ་རྩིབས་ཀྱི་དབུས་སུ་གཞག་བདུད་རྩི་ལྔ་དང་རྩ་བ་ བརྒྱད། །མིག་དང་རྣ་བ་སྣ་དང་ལྕེ། །མཚན་དང་རྣམ་ཤེས་ཡུལ་བར་བཅས། །འདུས་ལ་མ་བྱས་རྡོ་རྗེ་སྟེ། །དགོངས་པ་འདུས་པས་རྡོ་རྗེར་བཤད། །རྡོ་རྗེ་སེམས་དཔར་རབ་སྦྱར་ ནས༑ ༑རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཨོཾ་ཨཱཧཱུཾ་སརྦ་བཉྩ་ཨ་མྲི་ཏ་བཛྲ་སཏ་ཧཱུཾ་ཞེས་བརྗོད་དེ། བདུད་རྩི་རྣམ་ལྔ་བྱིན་གྱིས་བརླབ་ཅིང་བསྐུལ་ལོ། །དེ་ནམ་ཡང་རྩ་བ་བརྒྱན་ དང་ཡན་ལག་སྟོང་དུ་འདུས་ཤིང་སྦྱར་བ་དང། སྐུལ་བའི་ཚིག་འདི་བརྗོད་དོ། །དེ་ནས་ཡང་སྣོད་སྟོང་པར་རྒུན་ཆང་དང། སྦྲང་ཆང་དང། རྒྱ་ཆང་དང། བུ་རམ་ཆང་དང། བཟླས་ ཆང་དང། ཆང་སྣ་ཚོགས་སྦྲེང་ཞིང་འདི་སྐད་བརྗོད་དོ། །འབྲུ་རྣམས་ལ་ཡང་ཆང་མེད་དེ། །ཆུ་ལ་ཆང་གི་རང་བཞིན་མེད་།མཁས་པས་འབྲུ་དང་ཆུར་སྦྱར་ན། །མཉམས་ ཉིད་ཀྱི་ཆང་དུ་འགྱུར། །ཆང་བྱིན་གྱིས་བརླབ་བའི་སྔགས། ཨོཾ་ཨ་མྲྀ་ཏ་ཛ་གད་བྲ་བ་སཱ་ཧཱ། ཨོཾ་ཛི་བ་སཱཧཱ། སྨན་ཆང་དུ་བླུགས་ལ་དཀྲུག་པའི་སྔགས། མུ་ས་ལ་མུ་ས་ [321B] ༑རོ་མཆོག་གོ་འཕང་ཐོབ་པར་འགྱུར། །མི་གཙང་བ་ལའང་གཙང་བ་མེད། །མན་ངག་ཅན་གྱི་སྒྲུབ་པ་པོས། །མཁས་པས་གཉིས་མེད་སྦྱར་བས་ན། །མཉམ་པ་ཉིད་ཀྱི་དོན་ཐོབ་ འགྱུར༑ ༑ཀྲོ་དཧི་ཤྭ་རི་ཤོ་དྷ་ཡ་སཾ་ཤོ་དྷ་ཡ། ཡང་འོ་མ་སྣ་ཚོགས་སྦྲེང་ཞིང་འདི་སྐད་བརྗོད་དོ། །རྟ་དང་མི་ལ་སོགས་པ་ཡི་།ཇི་ལྟར་འོ་མར་གྱུར་པ་ལས། །མཁས་ལྡན་ཆེན་པོས་ རབ་སྦྱར་ན། །ཡོན་ཏན་ཞོ་དང་མར་ལྟར་སྣང། །དེ་བཞིན་རྫས་རྣམས་བསྒྱུར་བས་ན། །མཉམ་ཉིད་ཡོན་ཏན་མར་ལྟར་འགྲུབ། །ཅེས་བརྗོད་དེ་བྱང་ཆུབ་སེམས་ཀྱི་སྣོད་དུ་སྦྲེང་ངོ། །དེ་ནས་ རིན་པོ་ཆེ་སྣ་ཚོགས་བརྡར་ཞིང་འདི་སྐད་བརྗོད་དོ། །དཔེར་ན་གསེར་དང་རིན་ཆེན་ལྟར། །གཅིག་ཏུ་བསྲེས་དང་སོ་སོར་གནས། །སོ་སོར་གནས་ཀྱང་རང་རང་གི་ཁ་དོག་མཚན་ཉིད་ སོ་སོར་གསལ། །རིན་ཆེན་ཡོན་ཏན་དེ་འདྲ་ཡང། །བསྡུས་ནས་ཡོན་ཏན་རྨད་དུ་འགྱུར། །དེ་བས་གཉིས་སྤྲས་མཛེས་པར་སྣང། །དེ་བཞིན་རྫས་ཀྱི་ཡོན་ཏན་ཡང། །རང་གི་ཡོན་ཏན་ རིན་ཆེན་སྣང། །གཉིས་མེད་མཉམ་པར་སྦྱར་བས་ན། །བླ་མེད་ཡོན་ཏན་རྨད་དུ་འགྱུར། །ཐམས་ཅད་གཅིག་ཏུ་བསྡུ་བ་འོ། །དེ་ནས་བདུད་རྩི་ར་ས་ཡན་སྣ་ཚོགས་བསྡུས་ཏེ་སྣོད་སྟོང་ པར་ཆུ་སྣ་ཚོགས་སྦྲེང་ཞིང་འདི་བརྗོད་དོ། །ཆུ་རྣམས་སྣ་ཚོགས་ཐ་དད་པ། །རྒྱ་མཚོར་ཕྱིན་ན་ལན་ཚྭའི་རོ། །དེ་དག་ཐམས་ཅད་བསྡུས་པའི་དཔལ། །རྒྱ་མཚོ་ཙམ་དུ་རླབས་ཆེ་ལ།། [322A]༄༅། །ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ་འབྱུང་བ་ལྔ་ཡི་ཐུགས་རྗེ་ལས། །སྨན་དང་བདུད་རྩི་རྣམ་ལྔ་པོ། །འགྲོ་བ་ཡོངས་ཀྱི་གསོས་མཛད་པ། །ཐུགས་རྗེས་ བྱིན་གྱིས་བརླབས་པ་འོ། །དངོས་པོ་མེད་ལས་དངོས་གྲུབ་བླང་།བྱང་ཆུབ་སེམས་ཀྱི་སྤྲིན་ཡིན་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པར་འགྱུར། །དེ་སྐད་ཅེས་བརྗོད་དེ་ སྨན་ལག་ཏུ་བླངས་ནས་ངོས་ངོས་ནས་སྨན་ཆེ་བའི་ཡོན་ཏན་བརྗོད་དོ། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རས་ཡན་ལ་སོགས་རྫས། ། རྩ་བ་འབུམ་བྲག་ཡངས་པའི་བཅུད། །གཉིས་མེད་བདེ་ཆེན་ལས་བྱུང་བའི། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །པདྨ་མེ་ཏོག་ ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་བདུད་རྩི་མཆོག་ག་བུར་ཤེལ་གྱི་སྤོས་ཕོར་བྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །ཡོན་ཏན་འབུམ་ཕྲག་ཡངས་པའི་བཅུད། །རིགས་ལྔ་དམ་ཚིག་ ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་བསྒྲལ་བའི། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ་།ཐམས་ཅད་རྣལ་འབྱོར་བདུད་རྩི་ཆེ། །མ་ ལུས་འདུས་པའི་ཐིག་ལེ་སྟེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར། །གཅིག་ཏུ་དཔའ་བོ་རོ་རྣམས་དང། །གཉིས་སུ་མེད་པར་མཉམ་སྦྱར་ནས། །དུས་གསུམ་སངས་རྒྱས་ཐམས་ [322B] །རྒྱལ་བརྒྱ་མཚོ་རྣམས་ལ་མཆོད། །ཅེས་བརྗོད་དེ་དེ་ནས་ཤེས་རབ་ཡུམ་རྣམས་ཀྱིས་སྨན་ལག་ཏུ་བཞག་ལ། ཡང་བཀྲ་ཤིས་པ་དོན་ལ་དམ་པ་འདི་བརྗོད་དོ། །ངོ་མཚར་རྨད་དུ་ བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་སྣང་བ་ལས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ཞེས་བརྗོད་དོ། །སྨན་སྣོད་བཅུད་ཆས་པར་ལག་ཏུ་ བླངས་ལ་ཡུམ་གྱི་གཙོ་བོ་ལ་བདུད་རྩི་ཕུལ་ཏེ། གཙོ་བོས་བླངས་ཏེ་ཕྱག་རྒྱ་ཆེན་པོར་བསྒྱུར་ཞིང་བསྒོམ་མོ། །དེ་ནས་སྒྲུབ་པ་པོའི་གཙོ་བོས་དཔལ་ཆས་སུ་ཞུགས་ཏེ། བ་ཡང་ཉོ་བ་ཏི་དང་ བ་ཡང་ཤང་གི་ར་དང། ན་ར་སི་ར་དང། ཐལ་ཆེན་གྱི་ཐིག་ལེས་བརྒྱན་ཏེ། སྲོ་ཙ་ཨཾ་ཛ་ན་དང། དགུག་ཅིང་གཡབ་པའི་དམ་རྫས་མཆོག་གི་ཧ་སྟ་དང། བརྟ་ཤ་རི་ལ་དང། ཤུན་ཆེན་ གྱི་འབྲེང་བ་འདྲེ་བརྡབ་པའི་ལྕག་དང། རྐང་གི་གླིང་བུ་འབུད་ཅིང་ཀུ་ཤའི་གླུ་བླང། མཆོག་གི་ཚར་མ་དང། ཤུན་ཆེན་གྱི་གཡང་གཞི་བཏིང་ལ་གུ་གུལ་གྱི་འགོ་མ་ཡེང་གིས་བསྐུས་ལ་ རཀྟའི་ཐིག་ལེ་དགུ་བྱས་ཏེ་མཚོན་རེ་རེའི་སྟེང་དུ་ཏ་ཀྲིད་བརྒྱད་གཞག་གོ་བྱཱ་གྷྲྀ་ཚར་མའི་གཡང་གཞི་ཏ་གིས་གྱོན་ལ། མདུང་ལ་བ་དན་འཕྱར་ནས་ཐོགས་ཏེ། དཀྱིལ་འཁོར་ཡང་འཁོར་ ལོ་རྩིབས་བརྒྱད་དབུས་སུ་ཟླ་གམ་དམར་པོ་གཅིག་བྲིས་ནས་དེའི་སྟེང་དུ་སྨན་སྤུངས་ལ། སྒྲུབ་པ་པོ་ཡབ་ཡུམ་ཡང་སྦྱོར་བ་ཚུལ་བཞིན་དུ་བགྱི། ལྷ་མོ་བཅུ་དྲུག་གི་བསྙེན་པ་བརྒྱ་རྩ་ [323A]༄༅། །བརྒྱད་ཡན་ཆད་གདོན་ནོ། །དེ་ནས་བྱིན་དབབ་ཅིང། དབབ་པའི་ཕྱག་རྒྱ་ཡང་བྱའོ། །གཡབ་མོའི་བརྡ་ལ་སོགས་ཏེ། བརྡ་སྣ་ཚོགས་དང། ཐབས་ཀྱི་རྡོ་རྗེ་བཛྲ་ཤ་རི་ རམ་ལ་སོགས་པ་དང། ཡང་ན་མཆོག་གི་ལག་པ་གཡོན་གྱིས་སྨན་དགུག་ཅིང་གཡབ་ཅིང། །མཁར་གཞོང་གི་ནང་དུ་བསྲེས་ཏེ་བཙགས་ལ་སྨན་བནྡྷའི་ནང་དུ་བླུགས་ལ་རྡོ་རྗེས་ དཀྲུག་ཅིང་གླུ་དང། གར་དང། རྔ་དང། དམ་པའི་ཚིག་གིས་བསྟོད་དོ། །སྤོས་ཀྱིས་བདུག་ཅིང་གར་གྱི་བྲོ་ཐགས་དང། རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་དུ་བདུད་རྩི་དབུས་སུ་ བཞག་ལ་བསྐོར་རོ། །དེ་ནས་ངོས་ངོས་ནས་ཀྱང་ཆེ་བའི་ཡོན་ཏན་བརྗོད་དོ། །ཡང་ཞི་བའི་ལྷའི་དཀྱིལ་འཁོར་ཡང། རིགས་སོ་སོའི་ཡིག་འབྲུ་ཀུན་སྨན་ལ་བསྟིམ་ཞིང་འདི་བརྗོད་ དོ༑ ༑ཨོཾ་ཨ་མྲྀ་ཏ་སརྦ་མཧཱ་ཡོ་ག་ཧཱུཾ། ཨོཾ་བཛྲ་སརྦ་མ་ཡ་ཧཱུཾ། ཨོཾ་མཧཱ་སརྦ་ཨ་མྲྀ་ཏ་མཧཱ་སུ་ཀ་ཧྲི། ཨོཾ་སརྦ་ཨེ་ཤུདྡྷེ། ཀྲོ་དྷཱི་ཤྭ་རི། སརྦ་ཤོ་དྷ་ཡ། ཨོཾ་ཨཱཧཱུཾ། བཛྲ་ཨ་མྲྀ་ཏ་ཧཱུཾ་ ཧྲཱི་ཐ་ཞེས་རབ་ཏུ་ཡང་བཟླའོ། །དེ་ནས་ཧོམ་དང། སྦྱིན་སྲེག་དང། མེའི་ཕུད་ཀྱང་ནང་དུ་བླུགས་སོ། །དེ་ནས་སེམས་སྦྱང་བའི་སྨན། ལེང་ལེང་ཧྭ་དང། ཤེལ་ག་པུར་དང་ སྙིང་ཞོ་ཤ་དང། མཁལ་མ་ཞོ་ཤ་དང། གླ་གོར་ཞོ་ཤ་དང་ཤུ་དག་ཀུ་བེར་དང། ཤུ་དག་བ་མེ་དང། ཤུ་དག་ནབ་སེ་དང། ར་ས་ཡ་ན་དང། ར་ས་ཡ་ན་ཏ་ན་ཛ་ཡ་དང། ཁྲུས་ [323B] གདོད་སྨན་བསྲེ་ཞིང་སྦྱར་ནས་དཀྲུགས་ལ་བནྡྷར་སྩལ་ཏེ་བནྡྷ་གཉིས་ཁ་སྦྱར་ལ་དར་གྱིས་བཅིངས་ལ་མཚམས་སུ་རྒྱས་བཏབ་ལ་གཟོད་དཀྱིལ་འཁོར་ ཟླག་མ་གྱི་དབུས་སུ་གཞག་གོ་སྔགས་དགུ་པ་འཛབ་ཏུ་དྲང་ངོ་།འདིའི་མགོ་མཇུག་ཏུ་ཚོགས་ཀྱི་མཆོད་པ་བར་མི་གཅད། མཛད་པ་བཅུ་གཉིས་ཀྱི་འཕྲོ་འདུ་ཡང་བྱ། སྨན་སྒྲུབ་པའི་དོན་དང་ སྦྱར་ཐབས་བསྟན་པའི་ལུང་དང། ལས་ཀྱི་རིམ་པའི་སྐུལ་ཚིག་དང། ཡོ་བྱད་དུ་བྱས་པའི་རྣམ་པ་བདུད་རྩི་ཆེན་པོ་མཆོག་གི་ལུང་ལས། བདུད་རྩི་བུམ་པའི་ལུང་གི་བམ་པོ་བདུད་རྩི་ འབུམ་སྡེ་ལས་འབྱུང་བའི་དོན་བམ་བོ་ཆེན་པོ་བདུན་པའོ།། །།